Skip to main content

AI བཅོས་མའི་རིག་ནུས་ཀྱིས་འདྲ་པར་བཟོ་ཚུལ།


BDRC

སློབ་ཚན་ངོ་སྤྲོད།

སློབ་ཚན་འདི་ནི་རྩ་བའི་ Bing AI Image Generator བཅོས་མའི་རིག་ནུས་སྤྱད་དེ་འདྲ་པར་བཟོ་སྟངས་ཀྱི་ངོ་སྤྲོད་ཅིག་ཡིན་ཞིང་། ཡོངས་དགོས་སུ་བོད་ཡིག་མ་གཏོགས་དབྱིན་ཡིག་ལྟ་བུའི་སྐད་རིགས་གཞན་མི་ཤེས་མཁན་ལ་ཆེད་དུ་དམིགས་ཏེ། འདྲ་པར་གྱི་འགྲེལ་བརྗོད་བོད་ཡིག་ནང་བྲིས་ཏེ་དབྱིན་ཡིག་ལ་བསྒྱུར་ཚུལ་དང་དབྱིན་འགྱུར་མ་དེ་སྤྱད་ནས་འདྲ་པར་དངོས་སུ་བཟོ་ཚུལ་སོགས་ངོ་སྤྲོད་བྱས་ཡོད། རིག་ནུས་མཉེན་ཆས་འདི་ནི་རིན་འབབས་གང་ཡང་སྤྲོད་མི་དགོས་པར་བཀོལ་སྤྱོདབྱེད་ཆོག་པ། བཀོལ་བདེ་ཞིང་ཉོག་འཛིངས་མེད་པ་ཞིག་ཡིན།

དགོས་ངེས་ཀྱི་ཆ་རྐྱེན།

སློབ་ཚན་འདི་ལེན་མཁན་ནི་བོད་ཡིག་གི་ཆུ་ཚད་ཡག་ཙམ་དང་། གློག་ཀླད་ཀྱི་རྨང་གཞིའི་ལག་རྩལ་ཡང་ཅུང་ཙམ་ཡོད་མཁན་ཞིག་ཡིན་དགོས།

སློབ་ཁྲིད་རྒན།

Course Staff Image #1

དོན་འགྲུབ།

ནོར་གླིང་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་ནས་བོད་ཀྱི་རིག་གནས་རབ་འབྱམས་པ་དང་། བོད་ཡིག་འབྲིང་རིམ་དགེ་རྒན་འོས་སྦྱོང་ཐོན། ལོ་ཤས་རིང་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་སྣེ་ཤན་སྡེ་ཚན་གྱི་འགན་འཛིན་བྱེད་ཞོར་འཛམ་གླིང་ཡུལ་གྲུ་གང་ས་ནས་ཕེབ་པའི་ཡུལ་སྐོར་བ་ཚོར་བོད་ཀྱི་རིག་གནས་དང་ལག་རྩལ་སྐོར་ངོ་སྤྲོད་བྱེད་མཁན་ནང་ཁུལ་གྱི་སྣེ་ཤན་པ་དང་། གཞུང་འབྲེལ་གྱི་སྐུ་མགྲོན་རྣམས་དང་དེ་བཞིན་འབྲེལ་ཡོད་ཀྱི་མི་སྣ་ཁག་མངལ་སྡེ་ནང་ཁུལ་གྱི་གནས་ཆེན་ཁག་ལ་ཡུལ་སྐོར་ལ་འཁྲིད་མཁན་སྣེ་ཤན་པའི་ལས་ཀ་གཅིག་ལྕོགས་བྱས། ༢༠༡༧ ལོ་ནས་བཟུང་ BDRC ནང་བསྟན་དཔེ་ཚོགས་ལྟེ་གནས་ལ་ལས་ཀ་བྱེད་མོས་དང་ཞོར་དུ་བོད་ཡིག་དགེ་རྒན་བྱེད་བཞིན་པ་བཅས་སོ།།

རྒྱུན་ལྡན་གྱི་དྲི་བ་ཁག

དྲ་སྔོགས་མཉེན་ཆས་གང་གི་ནང་བལྟ་ཐུབ་བམ།

ང་ཚོའི་edX སློབ་ཚན་ཁག་ནི་རབ་བྱུང་ན་Chrome, Firefox, Safari བཅས་ཐོན་གསར་ཤོས་ཁག་དང་། ཡང་ན་ Internet Explorer ཐོན་དགུ་པ་བཅས་ཀྱི་ནང་བལྟ་ཐུབ།

Enroll