Skip to main content

བུདྡྷ་དྲ་ཐོག་དཔེ་མཛོད་བཀོལ་སྟངས།


BDRC

བུདྡྷ་དྲ་ཐོག་དཔེ་མཛོད།

ནང་བསྟན་དཔེ་ཚོགས་ལྟེ་གནས་ནི། ནང་བསྟན་གསུང་རབ་རྣམས་འཚོལ་བསྡུ་དང་། ཉར་སྲུང། སྒྲིག་སྦྱོར། ཁྱབ་སྤེལ་སོགས་བྱེད་མཁན་གྱི་ཁེ་མེད་ཚོགས་པ་ཞིག་ཡིན། དེ་བཞིན་ཤེས་ཡོན་པ་དང་། ལོ་ཙཱ་བ། ཞིབ་འཇུག་པ། ཉམས་ལེན་པ་སོགས། དོན་གཉེར་ཅན་ཡོངས་ལ་སྐད་རིགས་སྣ་ཚོགས་ནང་ཡོད་པའི་དཔེ་ཆ་རང་དགར་སྤྱོད་ཐུབ་པ་དང་། ཤེས་ཡོན་དང་འཕྲུལ་རིགས་ཟུང་འབྲེལ་བྱས་ཏེ་ད་སྔ་གནས་ཡོད་པའི་ནང་བསྟན་རིག་གནས་ཀྱི་དཔེ་ཆ་རྣམས་འབྱུང་འགྱུར་གྱི་མི་རབས་རྣམས་ཀྱིས་ཀྱང་ལོངས་སུ་སྤྱོད་ཐུབ་པའི་ལས་ལ་འབད་བཞིན་ཡོད།

འདིར་བུདྡྷ་དྲ་ཐོག་དཔེ་མཛོད་ནང་དཔེ་ཀློག་བྱེད་ཚུལ་དང། ཕབ་ལེན་བྱེད་སྟངས་སོགས་ཀྱི་སྐོར་གྱི་བཀོལ་སྤྱོད་ལམ་སྟོན་སྟབས་བདེ་ཞིག་བཟོས་ཡོད།

དགོས་ངེས་ཀྱི་ཆ་རྐྱེན།

སློབ་ཚན་འདི་ལེན་མཁན་ལ་གློག་ཀླད་ཀྱི་རྨང་གཞི་ཤེས་བྱང་ཅུང་ཙམ་དགོས་པ་ཡིན།

སློབ་ཁྲིད་རྒན།

Course Staff Image #1

དོན་འགྲུབ།

ནོར་གླིང་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་ནས་བོད་ཀྱི་རིག་གནས་རབ་འབྱམས་པ་དང་། བོད་ཡིག་འབྲིང་རིམ་དགེ་རྒན་འོས་སྦྱོང་ཐོན། ལོ་ཤས་རིང་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་སྣེ་ཤན་སྡེ་ཚན་གྱི་འགན་འཛིན་བྱེད་ཞོར་འཛམ་གླིང་ཡུལ་གྲུ་གང་ས་ནས་ཕེབ་པའི་ཡུལ་སྐོར་བ་ཚོར་བོད་ཀྱི་རིག་གནས་དང་ལག་རྩལ་སྐོར་ངོ་སྤྲོད་བྱེད་མཁན་ནང་ཁུལ་གྱི་སྣེ་ཤན་པ་དང་། གཞུང་འབྲེལ་གྱི་སྐུ་མགྲོན་རྣམས་དང་དེ་བཞིན་འབྲེལ་ཡོད་ཀྱི་མི་སྣ་ཁག་མངལ་སྡེ་ནང་ཁུལ་གྱི་གནས་ཆེན་ཁག་ལ་ཡུལ་སྐོར་ལ་འཁྲིད་མཁན་སྣེ་ཤན་པའི་ལས་ཀ་གཅིག་ལྕོགས་བྱས། ༢༠༡༧ ལོ་ནས་བཟུང་ BDRC ནང་བསྟན་དཔེ་ཚོགས་ལྟེ་གནས་ལ་ལས་ཀ་བྱེད་མོས་དང་ཞོར་དུ་བོད་ཡིག་དགེ་རྒན་བྱེད་བཞིན་པ་བཅས་སོ།།

རྒྱུན་ལྡན་གྱི་དྲི་བ་ཁག

དྲ་སྔོགས་མཉེན་ཆས་གང་གི་ནང་བལྟ་ཐུབ་བམ།

ང་ཚོའི་edX སློབ་ཚན་ཁག་ནི་རབ་བྱུང་ན་Chrome, Firefox, Safari བཅས་ཐོན་གསར་ཤོས་ཁག་དང་། ཡང་ན་ Internet Explorer ཐོན་དགུ་པ་བཅས་ཀྱི་ནང་བལྟ་ཐུབ།

Enroll