Skip to main content

ཤེས་རབ་དྲ་ཚིགས་སྟེང་སློབ་ཚན་འཇོག་སྟངས། Create Course on Sherab


Sherab
Enrollment is Closed

སློབ་ཚན་འདིའི་སྐོར།

སློབ་ཚན་འདི་ནི་ཤེས་རབ་དྲ་ཐོག་སློབ་སྦྱོང་བྱེད་སའི་ནང་སློབ་ཚན་རྩོམ་སྒྲིག་བྱེད་སྟངས་སྐོར་ཡིན། འདིའི་ནང་དུ་སློབ་ཚན་རྩོམ་སྒྲིག་པའམ་དགེ་རྒན་སོགས་ཀྱིས་སློབ་ཚན་དང་འབྲེལ་བའི་འགྲེལ་བཤད། བརྙན། སྒྲ། པར་རིས། བགྲོ་གླེང་། སྦྱོང་ཚན་སོགས་བཟོས་ནས་ཤེས་རབ་དྲ་ཚིགས་ནང་འཇོག་སྟངས་སྐོར་ཡིན།

དགོས་ངེས་ཀྱི་ཆ་རྐྱེན།

སློབ་ཚན་འདིར་ཞུགས་པའི་སློབ་མ་ལ། བོད་ཡིག་དང་ཨིན་ཡིག་གི་རྨང་གཞི་ལེགས་ཙམ་དང་། གློག་ཀླད་ཀྱི་རྨང་གཞིའི་རྒྱུན་ཤེས་ཅུང་ཙམ་འཛོམས་དགོས་པ་ཡིན།

སློབ་ཁྲིད་རྒན།

Course Staff Image #1

འབྲོང་བློ།

དགེ་རྒན་ངོ་སྤྲོད། སྤྱི་ལོ་༡༩༨༢ ལོར་སྐྱེས། སློབ་གྲྭར་འགྲིམས་ནས་མཐོ་སློབ་མཐར་ཕྱིན། ཨིན་ཡིག་དམའ་རིམ་དགེ་རྒན་འོས་སྦྱོང་ཐོན། བོད་ཡིག་དང་། ཨིན་ཡིག ཚན་རིག་བཅས་ཀྱི་དགེ་རྒན་བྱས། ༢༠༡༧ ལོ་ནས་བཟུང་ནང་བསྟན་དཔེ་ཚོགས་ལྟེ་གནས་སུ་ལས་ཀ་བྱེད་བཞིན་པ་བཅས་སོ།

རྒྱུན་ལྡན་གྱི་དྲི་བ་ཁག

དྲ་སྔོགས་མཉེན་ཆས་གང་གི་ནང་བལྟ་ཐུབ་བམ།

ང་ཚོའི་edX སློབ་ཚན་ཁག་ནི་རབ་བྱུང་ན་Chrome, Firefox, Safari བཅས་ཐོན་གསར་ཤོས་ཁག་དང་། ཡང་ན་ Internet Explorer ཐོན་དགུ་པ་བཅས་ཀྱི་ནང་བལྟ་ཐུབ།