Skip to main content

རྒྱལ་སྲས་ལག་ལེན་སོ་བདུན་མ། ༼ ༢ ༽ སྐྱེས་བུ་ཆེ་འབྲིང་ཆུང་གསུམ་གྱི་ལམ་བསྟན་པ།



Organization: Kumarajiva

About this Course

སློབ་ཚན་འདི་ནི་བོད་རིགས་རྩོམ་པ་པོ་དང་དགེ་རྒན་ཟུང་འབྲེལ་གྱིས་རྩོམ་སྒྲིག་དང་། སློབ་མ་ལ་ལམ་སྟོན་བྱེད་ཀྱི་ཡོད་ལ། སློབ་ཁྲིད་ཀྱི་གོ་རིམ་ཧྲིལ་བོ་བོད་སྐད་རྐྱང་བ་ཡིན། དྲ་རྒྱའི་བརྒྱུད་ལམ་ནས་དགེ་སློབ་ཕན་ཚུན་མཉམ་འབྲེལ་གྱི་སློབ་སྦྱོང་བྱེད་ཐབས་གཙོ་བོར་བཟུང་ཡོད། སློབ་ཚན་འདིའི་བསླབ་གཞི་ནི་<<རྒྱལ་སྲས་ལག་ལེན་སོ་བདུན་>>མ་ཡིན། གསུང་རྩོམ་འདི་ནི་དུས་རབས་བཅུ་བཞི་བའི་ནང་བྱོན་པའི་བོད་ཀྱི་མཁས་པ་རྒྱལ་སྲས་ཐོགས་མེད་བཟང་པོས་བརྩམས་པ་དང་། བྱང་ཆུབ་སེམས་དཔའི་མཛད་སྤྱོད་མཐའ་ཡས་པ་རྣམས་སྤྱི་སྡོམ་དུ་བཀོད་ནས། སྤྱོད་ཚུལ་སུམ་ཅུ་སོ་བདུན་གྱི་ནང་དུ་འདུ་བར་བྱས་ཡོད། བསྟན་བཅོས་འདི་དང་འདིའི་རྩོམ་པོ་ནི་བོད་བརྒྱུད་ནང་པའི་གྲུབ་མཐའ་ཚང་མའི་ནང་ཤུགས་རྐྱེན་ཆེན་པོ་ཡོད་པ་ཞིག་ཡིན། སློབ་ཚན་འདིའི་ནང་ལག་ལེན་སོ་བདུན་མའི་ཤོ་ལོ་ཀ་རེ་རེ་བཞིན། ཡང་དང་བསྐྱར་དུ་འགྲེལ་བཤད་བྱེད་པ་དང་། དགེ་སློབ་ཕན་ཚུན་ལ་དྲི་བ་དྲིས་ལན་བྱེད་པ། སྦྱོང་ཚན་ལ་ཚོད་རྒྱུགས་སྤྲོད་པ་སོགས་ཐབས་ལམ་སྣ་ཚོགས་བརྒྱུད་ནས་བོད་སྐད་ལ་སྦྱོང་བརྡར་ལེགས་པོ་ཐོབ་པ་བྱ་རྒྱུ་མ་ཟད། ནང་པའི་ལྟ་སྤྱོད་ཐད་ཀྱི་ཤེས་ཡོན་ཀྱང་དམིགས་ཚད་ལྟར་མཐོར་འདེགས་སུ་གཏོང་ཐུབ་པ་དང་། བོད་ཀྱི་རིག་གནས་དང་། ནང་ཆོས་ཀྱི་ཤེས་ཚད་གོང་མཐོར་འགྲོ་བ་དང་། ཉིན་རེའི་འཚོ་བའི་ནང་བེད་སྤྱོད་བྱ་བར་རམས་འདེགས་ལེགས་པོ་འབྱུང་ངེས་ཡིན།

Course Overview

སློབ་ཚན་འདིའི་སྐོར།

སློབ་ཚན་འདི་ནི་ནང་ཆོས་རྨང་གཞིར་བཟུང་བའི་བོད་ཡིག་གི་སློབ་ཁྲིད་ཅིག་ཡིན། སྐབས་བབ་ཀྱི་སྦྱང་བྱ་ནི། དངུལ་ཆུ་ཐོགས་མེད་ཀྱིས་མཛད་པའི་རྒྱལ་སྲས་ལག་ལེན་སོ་བདུན་མ་ཡིན། ། ང་ཚོས་སློབ་ཚན་འདི་བརྒྱུད་ནས། བོད་ཡིག་འབྲི་ཀློག་རང་སྐྱ་ཐུབ་པ་དང་། ལྷག་པར་དུ་བོད་སྐད་ནང་ཆོས་ཀྱི་ཤེས་ཚད་འབྲིང་ཙམ་འབྱུང་བའི་དམིགས་ཚད་བཟུང་ཡོད།

དགོས་ངེས་ཀྱི་ཆ་རྐྱེན།

སློབ་ཚན་འདིར་ཞུགས་པའི་སློབ་མ་ལ། བོད་ཡིག་གི་རྨང་གཞི་ལེགས་ཙམ་དང་། ནང་ཆོས་ཀྱི་རྨང་གཞིའི་རྒྱུན་ཤེས་ཅུང་ཙམ་འཛོམས་དགོས་པ་ཡིན།

རྒྱུན་ལྡན་གྱི་དྲི་བ་ཁག

དྲ་སྔོགས་མཉེན་ཆས་གང་གི་ནང་བལྟ་ཐུབ་བམ།

ང་ཚོའི་edX སློབ་ཚན་ཁག་ནི་རབ་བྱུང་ན་Chrome, Firefox, Safari བཅས་ཐོན་གསར་ཤོས་ཁག་དང་། ཡང་ན་ Internet Explorer ཐོན་དགུ་པ་བཅས་ཀྱི་ནང་བལྟ་ཐུབ།

Instructors

  • བློ་བཟང་དབང་ཕྱུག

    བློ་བཟང་དབང་ཕྱུག

    Kumarajiva

    དགེ་རྒན་ངོ་སྤྲོད། བློ་བཟང་དབང་ཕྱུག སྤྱི་ལོ་༡༩༨༡ ལོར་སྐྱེས། ཆུང་དུས་རབ་ཏུ་བྱུང་སྟེ་ནང་ཆོས་སྦྱངས། རྗེས་སུ་སེ་ར་དགོན་པའི་ཆོས་སྒོར་ཞུགས་ཏེ་ལོ་བཅུ་དྲུག་གི་རིང་ནང་པའི་ཆོས་ལ་སློབ་སྦྱོང་བྱས། སྔ་ཕྱིར་བོད་ཡིག་དཔེ་དེབ་ལྔ་བཅུ་བརྒལ་བ་རྩོམ་སྒྲིག་གི་ལས་སུ་ཞུགས་པ་དང་། སེ་ར་དགོན་པར་སྡོད་སྐབས་དགོན་པའི་ཡིག་ཆ་རྩོམ་སྒྲིག་དང་། དཔེ་ཆའི་དོ་དམ་པ། དགོན་པའི་ནང་གི་དུས་དེབ་དང་། ཚགས་པར་རྩོམ་སྒྲིག་པ་སོགས་གནང་བ་དང་། སྨོན་ལམ་ཚིག་མཛོད་ཀྱི་བོད་ཡིག་རྩོམ་སྒྲིག་གི་འགན་ཡང་ཁུར། སྤྱི་ལོ་༢༠༠༦ ལོར་ཕར་ཕྱིན་རབ་འབྱམས་པའི་བསླབ་གནས་ཐོན་པ་དང་། དགོན་པ་དེར་སྤྱི་ལོ་༢༠༠༢ ནས་བསྡུས་གྲྭ་དང་། བོད་ཡིག་གི་དགེ་རྒན་གནང་། སྤྱི་ལོ་༢༠༡༡ ལོར་ཐའེ་ཝན་དུ་འབྱོར་བ་ནས། རྒྱ་ཡིག་དང་རྒྱའི་ནང་ཆོས་སློབ་སྦྱོང་བྱས་ཏེ། རྒྱ་བོད་སྐད་གཉིས་ཀྱི་ནང་ཆོས་ཀྱི་སློབ་ཁྲིད་དང་། སངས་རྒྱས་སློབ་གསོའི་ཐེབས་རྩ་ཁང་དུ། 曾在佛陀教育基金會བོད་བརྒྱུད་ནང་བསྟན་གྱི་ལོ་རྒྱུས་འཆད་ཁྲིད། ཐའེ་པའེ་ཁྲིམས་ཁང་དུ་དང་བླངས་ནང་ཆོས་དགེ་རྒན་བཅས་གནང་བཞིན་པ་དང་། སྤྱི་ལོ་༢༠༡༧ ལོར་ཐའེ་ཝན་རྡོ་རྗེ་སེམས་ནང་བསྟན་སློབ་ཚོགས་ཞེས་པ་གསར་འཛུགས་ཀྱིས་དེར་ནང་ཆོས་འཆད་ཁྲིད་ཀྱི་གནང་ཁུར་བཞིན་པ་བཅས་སོ།

Enroll