Skip to main content

Pre A1 Language Level Tracker(Can do tracker)


Sarah

སློབ་ཚན་འདིའི་སྐོར།

སློབ་ཚན་འདི་ནི་དེང་དུས་ཀྱི་སྐད་རིགས་གཉིས་པ་སློབ་ཐབས་སློབ་ཁྲིད་ལུགས་ལྡོག་དང་། སྐྱ་མ་བཞི། རྩལ་བཞི་སོགས་སྤྱད་ནས་སློབ་ཁྲིད་བྱེད་སྟངས་སྐོར་ལ་ཡིན་པ་ཙམ་མ་ཟད། སློབ་ཁྲིད་བྱེད་པའི་སྐབས་ཐུན་དྲུག་གི་སྒོ་ནས་ཁྲིད་སྟངས། དུས་བཀག་ཐབས་ལམ། སློབ་པའི་གནས་སྐབས་གསུམ། སྔོན་འགྲོའི་སྐབས་ཁྲིད་སྟངས་ཡིན་ལ། ཐ་ན་ཐུན་རེ་རེར་བྱེད་སྒོ་ག་རེ་བེད་སྤྱོད་གཏོང་དགོས་ཡོད་མེད་དང་། བྱེད་སྒོ་གང་འདྲ་བྱེད་དགོས་ཡོད་མེད་ཐོགས་ཁ་གསལ་པོ་བཀོད་ཡོད། དེ་ནས་བྱེད་སྒོ་བྱེད་པའི་སྐབས་རྣམ་འགྱུར་གྱི་ལམ་ནས་སློབ་ཁྲིད་བྱེད་སྟངས་ཀྱི་ངོ་སྤྲོད། བྱེད་སྒོ་འགྲེལ་བཤད་རྒྱག་རྒྱུ་མེད་པ་དང་། སློབ་ཕྲུག་ལ་དུས་ཚོད་གཅིག་མཚུངས་སྤྲད་དགོས་པའི་སྐོར་ལ་བྲིས་ཡོད། སློབ་ཚན་དངོས་སུ་བླངས་ནས་གནས་ཚུལ་རྒྱས་པར་གཟིགས་རོགས་གནང་།

དགོས་ངེས་ཀྱི་ཆ་རྐྱེན།

སློབ་ཚན་འདིར་ཞུགས་པའི་སློབ་མ་ལ། བོད་ཡིག་གི་རྨང་གཞི་ལེགས་ཙམ་དང་། གློག་ཀླད་དང་འབྲེལ་བའི་རྨང་གཞིའི་ཤེས་བྱ་ཡོད་དགོས་པ་ཡིན།

སློབ་ཚན་སྒྲིག་སྦྱོར་བྱེད་མཁན།

Course Staff Image #1

རིན་ཆེན་སྒྲོལ་མ།

མིང་། : རིན་ཆེན་སྒྲོལ་མ། སློབ་སྦྱོང་།: ས་རཱ་མཐོ་སློབ་ཏུ་བསླབ་པ་མཐར་སོན་པ། ས་རཱ་མཐོ་སློབ་ཏུ་གཞོན་ནུ་རུས་ཁག་གི་རྩིས་པ་བྱས་མྱོང་ཡོད་ལ། ལོ་བཞིའི་རིང་རིག་གནས་རབ་བྱམས་པ་སློབ་སྦྱོང་བྱེད་པ་ཡིན། དེ་ནས་ཟླ་བ་དྲུག་གི་རིང་གློག་ཀླད་སྦྱོང་བའི་ཉམས་མྱོང་ཡོད། དེ་ཙམ་མ་ཡིན་པར་ནང་བསྟན་སྲི་ཞུ་ཁང་དུ་དྲྭ་ཐོག་རྒྱུད་ནས་ལོ་བཞིའི་རིང་དགེ་རྒན་བྱེད་པའི་ཉམས་མྱོང་ཡོད་ལ་ད་ལྟ་ཡིན་ནའང་། བྱེད་བཞིན་ཡོད། ཉམས་མྱོང་། ཟླ་བ་དྲུག་གི་རིང་གློག་ཀླད་སྦྱོང་། ཕྱི་ལོ་༢༠༡༧་ནས་༢༠༡༨་བར་ས་རཱ་གཞོན་ནུ་རུ་ཁག་ཏུ་རྩིས་པ་བྱེད་མྱོང་ཡོད། ལོ་བཞི་རིང་ནང་བསྟན་སྲི་ཞུ་ཁང་དུ་བོད་ཡིག་གི་དགེ་རྒན་བྱེད་མྱོང་ཡོད་པ་དང་། སྦྱོང་བརྡར་ཡོད་པ། འཛིན་རིམ་བཅུ་གཉིས་བར་དུ་སྦྱོང་ཡོད་པ། ས་རཱ་མཐོ་སློབ་ཏུ་བོད་ཡིག་ལོ་བཞིའི་རིང་རིག་གནས་རབ་འབྱམས་པ་སྦྱངས་ནས་བསླབ་པ་མཐར་སོན་པ།

Course Staff Image #2

ཀུན་དགའ་ཆོས་དབྱངས།

གུས་མོ་ཀུན་དགའ་ཆོས་དབྱངས། སྤྱི་ལོ་༡༩༩༩ ལོར་སྐྱེས། གཞི་རིམ་སྤུ་ཝ་ལ་དང་འབྲིང་རིམ་སམ་བྷོ་ཊ་སྤོན་ཊ་གཏན་སློབ་ནས་འགྲིམས་ཤིང་། སཱ་ར་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་ནས་ལོ་བཞིའི་རིང་བོད་ཀྱི་སྲོལ་རྒྱུན་རིག་གནས་ལ་སློབ་གཉེར་བྱས་ཏེ་ཕྱི་ལོ་ ༢༠༢༢ ལོར་རིག་གནས་རབ་འབྱམས་པ་སློབ་མཐར་ཕྱིན་པའི་རྗེས། ཞ་ལུ་དགོན་པར་ལོ་གཅིག་གི་རིང་ལ་ཞུ་དག་གི་ལས་ཀ་བྱས། དེ་རྗེས་དྲ་ཐོག་ཏུ་སྐད་ཡིག་སློབ་གྲྭའི་འགན་འཛིན་དང་དགེ་རྒན་གཅིག་ལྕོགས་ཀྱིས་བོད་པའི་སློབ་ཕྲུག་ཚོར་ལོ་གཅིག་དང་ཕྱེད་ལ་སློབ་ཁྲིད་བྱས་པ་མ་ཟད། ད་དུང་སློབ་ཁྲིད་བྱེད་མུས་བཅས་སོ། །

རྒྱུན་ལྡན་གྱི་དྲི་བ་ཁག

དྲ་སྔོགས་མཉེན་ཆས་གང་གི་ནང་བལྟ་ཐུབ་བམ།

ང་ཚོའི་edX སློབ་ཚན་ཁག་ནི་རབ་བྱུང་ན་Chrome, Firefox, Safari བཅས་ཐོན་གསར་ཤོས་ཁག་དང་། ཡང་ན་ Internet Explorer ཐོན་དགུ་པ་བཅས་ཀྱི་ནང་བལྟ་ཐུབ།

Enroll